རྡོ་རྗེ་སློབ་དཔོན།

རྡོ་རྗེ་ཐེགས་པའི་སྐུ་ག སུང་ཐུགས།

སྔགས་འཆང་རིན་པོ་ཆེ་ / མཁའ་འགྲོ་བདེ་ཆེན་

རྡོ་རྗེ་སློབ་དཔོན་གྱིས་ཡེ་ཤེས་འཆོལ་བ་མངོན་སྲིད།ཡིན་ཡང་ཁོ་ཚོའི་འཆོལ་བ་ནི་འདོད་ཆགས །ཚོད་དཔག་ཐུབ་པ།གཏམ་འཆལ།བསྐྱར་ཟློས།སྤྱི་བཏང་།རྨོངས་རྟུལ་ཆེ་བ་ནམ་ཡང་མིན།

ཡེ་ཤེས་འཆོལ་བ(ཤེས་རབ་འཆོལ་བ་) ནི་གདོད་མའི་ཤེས་རབ་བམ་ཡེ་ཤེས་ཀྱི་མེ་ཏོག་སྔོན་དུ་བཞད་པ་ཡིན།

རྡོ་རྗེ་སློབ་དཔོན་ནི་བླ་ན་མེད་པའི་འཆོལ་སྨྱོན་པ་ཡང་ན་སྨྱོན་མ་ཡིན་སྲིད།ཡིན་ཡང་།ཁོང ་ཚོས་ཧམ་སྨྱོན་ནི་སྒེར་སེམས་ཀྱི་དབང་བསྒྱུར་པ།བག་མེད་སྒྲིག་འཆལ་པ་དང་རང་ཉིད་ལ་ཆགས་པ ་ནམ་ཡང་མིན།ཧེ་རུ་ཀ་དགའ་རབ་རྡོ་རྗེ་ཡི་སྒྲིགས་ལམ་རང་བཞིན་གྱི་ཉམས་མྱོང་གི་དཔོན་ཉམས་ རང་བཞིན་ལས་རང་དབང་ཐོབ་པ་དེ་རེད།

རྡོ་རྗེ་སློབ་དཔོན་ནི་ཁྲོ་བོ་ཡིན།ཡིནཡང་ཁོང་ཚོའི་ཁྲོ་བོ་ནི་ནམ་ཡང་བླུན་རྨོངས།ཁོང་ཁྲ ོ།སུན་འཚབ།སེར་སྣ།ཉེན་མཆོང་དང་སུན་སྣང་མིན།བླ་མ་ཁྲོ་བོ་ཡིས་ནམ་ཡང་མངོན་ལྐོག་གི་མནར་ གཅོད་ནང་ཞི་བར་གནས་པ་དེ་ཡིན།

རྡོ་རྗེ་སློབ་དཔོན་ནི་དཀྱིལ་འཁོར་གྱི་རྒྱལ་བོ་ཡིན་སྲིད།ཡིན་ཡང་ཁོང་ཚོའི་གཟི་བྱིན་ལ་ ནམ་ཡང་ང་རྒྱལ།ཁྲིམས་མེད་གདུག་རྩུབ་དང་དབང་ཆའི་ཧམ་སེམས་མེད།རྒྱལ་བོས་སྣང་ཚུལ་འཇིག་རྟ ེན་ལོངས་སུ་སྤྱོད་པ་ཕུན་སུམ་ཚོགས་པས་སྲོལ་རྒྱུན་གྱི་རྒྱུ་ནོར་ལ་རེ་བ་མི་བྱེད།

རྡོ་རྗེ་སློབ་དཔོན་གྱིས་ཀུན་ཏུ་བཟང་པོ་གྲུབ་ཡོད་ཡང་།ཁོང་ཚེ་རང་ཉིད་ཀྱི་ཐུབ་རྩལ་གྱིས ་ཉམས་མྱོང་མེད་པོའི་རྗེས་འཇུག་པར་ཉམས་མྱོང་གིས་སུམ་པ་ལས་རྒྱུན་ལྡན་གྱི་མཛེས་ཞིང་གཞོ ན་པ་དེ་དག་གི་ཆེད་དུ་མིན།

རྡོ་རྗེ་སློབ་དཔོན་གྱི་སློབ་མའི་རྡོ་རྗེ་དམ་ཚིག་ལེན་ཆོག་མོད།ཡིན་ཡང་རྡོ་རྗེ་སློབ་དཔ ོན་རྫུན་མས་ཀྱིས་ཁོང་ཚོས་དམ་ཚིག་གཙང་མ་དེ་སླུ་བྲིད་དང་རྐུ་བ་ཡིན།མགོ་སྐོར་འོག་ཤོར་པ འོ་མི་ཚོས་རྫུན་མ་ངོ་ཤེས་ཚེ་ད་གཟོད་ཕོ་བྲང་གི་བདག་པོ་རུ་ཁྲབ་བཞིན་པའི་མི་དེ་ཚོ་ལས་ཐ ར་པ་ཡིན།

དམ་ཚིག་ནི་དོན་དངོས་སྐབས་སུ་འཇིག་སྲིད།འཇིགས་སྐྲག་དང་རྣམ་རྟོག་ཅན་ནས་མི་གཉིས་ཀྱི་གཉ ེན་སྒྲིག་ཁྱབ་སྒྲོག་བྱེད་སྲིད།ཡིན་ཡང་ཁོ་ཚོས་སྨྲ་བརྗོད་དེ་ལ་ཆོས་ལུགས་དང་ཁྲིམས་ཐོག་ གལ་ཆེན་ཆགས་མེད།

སློབ་དཔོན་པདྨ་འབྱུང་གནས་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱི་འཚོ་བས་མངོན་པ་ནི་ང་ ཚོའི་བླ་མ་ཀུན་བཟང་རྡོ་རྗེ་རིན་པོ་ཆེ་དང་ཇོ་མོ་བསམ་འཕེལ་བདེ་ཆེན་དང་གཅིག་པ་ཡིན།ཕྱོག ས་གཞན་ཞིག་ནས་ང་ཚོ་ནི་རྡོ་རྗེ་བླ་མ་མིན་ལ་རྡོ་རྗེ་སློབ་དཔོན་ཡང་མིན།ང་ཚོ་ནི་རྡོ་རྗེ ་ཐེགས་པ་ཆེན་པོའི་འདུལ་ཞིང་གི་སྤྲོ་སེམས་ཅན་གྱི་དགེ་རྒན་རེད།ང་ཚོས་བཤད་པ་ལ་འཇིགས་སྣ ང་བྱེད་དགོས་པ་དེ་འདྲ་གང་ཡང་ཡོད་པ་མ་རེད།

སྔགས་འཆང་རིན་པོ་ཆེ་ / མཁའ་འགྲོ་བདེ་ཆེན་